剧情介绍
དྭངས་གཙང་གི་སློབ་རྭ།གཞས་ཚིག། ཚེ་རིང་དགྲ་འདུལ།གཞས་གདངས། དཔལ་འབྱོར་ལྷུན་གྲུབ།གཞས་གཏོང་མཁན། འབྲུག་བྱམས་ཚེ་རིང་། བདེ་སྐྱིད་མཚོ། ཕ་མཐའ་མི་མངོན་པའི་རི་ཆུའི་མཛེས་ལྗོངས།འགྲོ་བའི་ཡིད་སྨོན་གྱི་མཚར་སྡུག་ཡུལ་ཤུལ།གཙང་གསུམ་ཤེས་རབ་སྤྲོས་པའི་སློབ་གླིང་།གངས་ལྗོངས་དཔེ་ཀློག་དབྱངས་སྙན་སྒྲོག་སོང་། སློབ་གསོའི་ཤེས་རབ་བསྐྲུན།བྱམས་དང་བརྩེ་བས་བརྒྱན།མི་འགྱུར་ལྷག་བསམ་བརྩོན་པས།ཡིད་སྨོན་གྱི་ཕུགས་བསམ་ཚལ་དུ་བཞད། ཨ་་་་་་། དྭངས་གཙང་གི་སློབ་རྭ། སེམས་ནང་གི་གནས་མཆོགང་ཚོར་ཤེས་གཙང་གཉོམ་ལག་རྒྱས་ས། ཨ་ཕའི་རེ་ལྟོས། མི་རིགས་ཀྱི་རྐང་རྩ།ང་ཚོས་ཕུགས་འདུན་ལེགས་པོ་ཞིག་དྲག་ཏུ་སྦར། དྲི་མེད་དྭངས་གཙང་གི་དགེ་བའི་ཡུལ་གྲོང་།འགྲོ་བའི་ཡིད་སྨོན་གྱི་བཀྲ་ཤིས་ཁྲི་འདུ་ལུང་།བྱིན་ཆགས་རི་ཚོགས་བསྐོར་བའི་སློབ་གླིང་།ཡུལ་ལུང་ཤེས་རིག་དྲི་ངད་ལྡང་སོང་།རྒྱལ་ཁ་བརྩོན་པའི་ཁུར།དཔེ་ཆ་ང་ལ་ཐིམ།དགའ་སྤྲོའི་ཧུར་བརྩོན་ཀློང་ནས།ཕུགས་འདུན་གྱི་རི་མོ་དབྱིངས་སུ་བྲིས། ཨ་་་་་་། དྭངས་གཙང་གི་སློབ་རྭ། རེ་སྨོན་གྱི་ཕ་ས།ང་ཚོར་ཤེས་ཡོན་སློབ་མོས་གསོ་ས། ཨ་མའི་རེ་བ། མི་རིགས་ཀྱི་ཕུགས་འདུན།ང་ཚོས་གཟི་འོད་ལམ་ཆེན་ལ་གོམ་སྟབས་བསྒྱུར།
展开全部